སྙིང་སྡུག爱人作词:巴克洛作曲:旦正才让原唱:阿波 多哇•本措吉录混:仁青东知海报:阿索设计工作室宣发:艺援帮ལྷོད་ལྷོད་ལྷོད་ཀྱིས་བཞུར་བའི།།སྙན་སྙན་སྙན་ལ་དྭངས་པའི།།སྙིང་སྡུག་དྭངས་བསིལ་རྫ་ཆུ།།ཡིད་ལ་ལྷུང་བའི་གཞས་ཡིན།།སྒོར་སྒོར་སྒོར་ལ་ཆེ་བའི།།ཀེམ་ཀེམ་ཀེམ་དུ་གཡོ་བའི།།སྙིང་སྡུག་ཁྲ་ཆེན་མིག་ཟུང་།།སེམས་ལ་ཐོགས་པའི་གཟི་ཡིན།།འཇམ་འཇམ་འཇམ་ལ་ནེམ་པའི།།ཞིམ་ཞིམ་ཞིམ་ལ་མངར་བའི།།སྙིང་སྡུག་མཆུ་སྒྲོས་འདབ་མ།།ཞེ་ལ་ཟུག་པའི་བཅུད་ཡིན།།བསིལ་བསིལ་བསིལ་ལ་ཡངས་པའི།།དྲོད་དྲོད་དྲོད་ལ་བདེ་བའི།།སྙིང་སྡུག་བརྩེ་བའི་རུམ་ཁོང་།།ལས་ཀྱིས་རྙེད་པའི་གཞིས་ཡིན།།ལྷོད་ལྷོད་ལྷོད་ཀྱིས་བཞུར་བའི།།སྙན་སྙན་སྙན་ལ་དྭངས་པའི།།སྙིང་སྡུག་དྭངས་བསིལ་རྫ་ཆུ།།ཡིད་ལ་ལྷུང་བའི་གཞས་ཡིན།།སྒོར་སྒོར་སྒོར་ལ་ཆེ་བའི།།ཀེམ་ཀེམ་ཀེམ་དུ་གཡོ་བའི།།སྙིང་སྡུག་ཁྲ་ཆེན་མིག་ཟུང་།།སེམས་ལ་ཐོགས་པའི་གཟི་ཡིན།།འཇམ་འཇམ་འཇམ་ལ་ནེམ་པའི།།ཞིམ་ཞིམ་ཞིམ་ལ་མངར་བའི།།སྙིང་སྡུག་མཆུ་སྒྲོས་འདབ་མ།།ཞེ་ལ་ཟུག་པའི་བཅུད་ཡིན།།བསིལ་བསིལ་བསིལ་ལ་ཡངས་པའི།།དྲོད་དྲོད་དྲོད་ལ་བདེ་བའི།།སྙིང་སྡུག་བརྩེ་བའི་རུམ་ཁོང་།།ལས་ཀྱིས་རྙེད་པའི་གཞིས་ཡིན།།